• 51.00 KB
  • 2021-06-25 发布

语文+藏语卷·2019届西藏日喀则市南木林高级中学高二期中考试(2017-10)

  • 26页
  • 当前文档由用户上传发布,收益归属用户
  • 下载文档
  1. 1、本文档内容版权归属内容提供方,所产生的收益全部归内容提供方所有。如果您对本文有版权争议,可选择认领,认领后既往收益都归您。
  2. 2、本文档由用户上传,本站不保证质量和数量令人满意,可能有诸多瑕疵,付费之前,请仔细先通过免费阅读内容等途径辨别内容交易风险。如存在严重挂羊头卖狗肉之情形,可联系本站下载客服投诉处理。
  3. 文档侵权举报QQ:3215808601
༄༅། ། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་མཐོ་འབྲིང་སྤྱི་ལོ་༢0༡༧-༢༠༡༨སློབ་ལོའི་སློབ་ དུས་དང་པོའི་སློབ་དཀྱིལ་ཡིག་རྒྱུགས། ཡིག་རྒྱུགས་རྣམ་པ།གསང་ཐབས་རྒྱུགས་ལེན།ལོ་རིམ།གཉིས་པ། རིག་ཚན།བོད་ཡིག རྒྱུགས་འདོན་མཁན། ཚེ་རིང་ནོར་སྐྱིད། རྒྱུགས་གཞི་གསལ་བཤད། ༡.རྒྱུགས་གཞི་འདིར་དྲི་གཞི་ཆེ་བ་ལྔ་དང་རྒྱུགས་གཞི་ཧྲིལ་པོར་སྐར་མ་༡༠༠ཡོད། ༢.རྒྱུགས་ལན་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས། དེ་མིན་གྱི་ལན་ཚང་མ་རྩིས་མེད་ཡིན། དང་པོ། འདེམ་འཇུག་དྲི་གཞི། རེར་སྐར་༡ བསྡོམས་སྐར་༢༥ ༡.གཤམ་གསལ་ལས་དག་ནོར་གཅིག་ཀྱང་མེད་པའི་སྡེ་ནི་( )‎ ཀ སྙིང་ཞེན། བགས་འཁུམས། སྨོངས་དད། སྨྲེ་རྔགས། ཁ ལེ་ལོ། རྗེས་ལུས། ཀླ་ཀློ། བསླུ་བྲིད། ག མུན་ནགས། ལོགས་སྤྱོད། སྙིང་སྟོབ། ལྟ་ཇང་ཁོར་ལོ། ༢.གཤམ་གསལ་ལས་མིང་འགྲེལ་ཡང་མི་དག་པའི་སྡེ་ནི་( )‎ ཀ ངམ་གྲོག-གཡང་སའམ་གྲོག་རོང་། འཁྲེན་པ།-ཞེན་ཆགས། ཁ མཐོན་མཐིང་-མདོག་ལྗང་ཁུ། གཟིར།-ར་བཟི་བའི་དོན། ག སེ་གོལ་ཏོག- དུས་ཡུན་ཧ་ཅང་ཐུང་བ། དམུ་རྒོད་- གྱོང་པོ། ༣.སྙན་ངག་གཞུང་གི་རྩ་བའི་བརྗོད་བྱ་ནི་( )‎ ཀ རྩོམ་པ་པོའི་ནང་བསམ་པའི་བརྩེ་དུང་། ཁ ལུས་རྒྱན་སྐྱོན་སེལ། ག བརྗོད་བྱ་མེད། ༤.༼ཤུབས་སུ་འཛུལ་བའི་མི་༽‎ ཞེས་པའི་ནང་གི་མི་སྣ་གཙོ་བོ་ནི་( )‎ ཀ པེ་ལེ་ཁོ་ཧྥུ། ཁ ཆི་ཁེ་ཧྥུ། ག ཧམ་ལེ་ཐེ། ‎ ༥.གཤམ་གྱི་བརྩམས་ཆོས་ཀྱི་རྩོམ་པ་པོ་དང་། དེའི་རྩོམ་ལུས་ངོས་འཛིན་ཡང་དག་པ་ནི་( )‎ ཀ ༼ལང་ཚོའི་རྦབ་ཆུ་༽ རང་གྲོལ། རང་མོས་སྙན་རྩོམ། ཁ ༼ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་༽ དོན་གྲུབ་དབང་འབུམ། སྲོལ་རྒྱུན་སྙན་རྩོམ། ག ༼གངས་དཀར་ལྷ་མོའི་བསླུ་བྲིད་དབང་གིས་༽ དོན་གྲུབ་རྒྱལ། དོན་བརྗོད་སྙན་རྩོམ། ༦.གཤམ་གསལ་ལས་མངོན་བརྗོད་ཁོ་ན་ཡིན་པའི་སྡེ་ནི་( )‎ ཀ སྔོ་བསངས་མ། སྲེག་ཟ། དབང་པོའི་གཞུ་རིས། ‎ ཁ རི་རབ། གཞུང་རྟ། མདོངས་མཐའ་ཅན། ག བ་དན། རྟ་ལྗང་གི་འཁོར་ལོ། བན་དེ། ༧.སྤྲིན་ནག་གིས་སྔམ་པ་འཐེན། ན་བུན་གྱིས་སྨྲེ་སྔགས་འདོན། ཞེས་པར་སྙན་ངག་གི་རྒྱན་( )བེད་སྤྱད་ཡོད། ཀ གཟུགས་རྒྱན། ཁ དཔེ་རྒྱན། ག རབ་རྟོག་རྒྱན། ‎ ༨.ང་རང་དགའ་ས་ནི་རྐང་ལམ་ཕྲ་མོ་ཡིན་ལ། ང་རང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན། ཞེས་དགའ་སྐྱོ་གཞི་གཅིག་ཏུ་འབྲེལ་དོན་ནི་( )‎ ཀ མེས་པོས་གཏོད་པའི་རྐང་ལམ་དེ་ཕྱི་རབས་པ་ཚོ་བསྐྱོད་སའི་གཞི་ཡིན་པས། ཁ རྐང་ལམ་དེ་བོད་ཀྱི་སྔ་ཕྱིའི་མི་རབས་ཚང་མ་བསྐྱོད་སའི་རྒྱུ་ལམ་ཉག་ཅིག་ཡིན་པས། ག མེས་པོས་རྐང་ལམ་དེ་གསར་གཏོད་བྱས་པ་དང་། ཕྱི་རབས་པ་ཚོས་རྐང་ལམ་དེར་གོང་འཕེལ་མ་བཏང་བས། ༩.དཔའ་བོས་གཏོད་པའི་ལམ་ཞེས་པའི་བྱ་བྱེད་ལས་གསུམ་གྱི་ངོས་འཛིན་ཡང་དག་པའི་སྡེ་ནི་( )‎ ཀ དཔའ་བོ་ནི་བྱེད་དང་། གཏོད་ནི་ལས། ལམ་ནི་བྱ་ཡིན། ཁ དཔའ་བོ་ནི་ལས་དང་། གཏོད་ནི་བྱེད། ལམ་ནི་བྱ་ཡིན། ག དཔའ་བོ་ནི་བྱེད་དང་། གཏོད་ནི་བྱ། ལམ་ནི་ལས་ཡིན། ༡༠.༼རྡོ་ཕ་བོང་ཞིག་གི་ཡོན་ཏན་༽ཞེས་པའི་སློབ་ཚན་ལས་བསྟན་པའི་མི་ཚེའི་གནས་ལུགས་ནི་( )‎ ཀནོར་བུ་རང་ལ་ཡོད་དུས།།ནོར་བུའི་ནོར་ཉམས་མ་ཆོད།།ནོར་བུ་གཞན་ལ་ཤོར་དུས།།སྙིང་རླུང་སྟོད་ལ་ཚངས་སོང་།། ཁབྱ་དངོས་ལ་བལྟ་ཞིབ་བྱེད་དུས་ཕྱོགས་མང་པོ་ནས་བལྟ་དགོས་པ། ག རྡོ་ཕ་བོང་ཞིག་གི་ཆེ་ཆུང་ཙམ། ༡༡.གཤམ་གསལ་ལས་དཔེ་དང་དཔེ་ཅན་ཡིན་པའི་སྡེ་ནི་( )‎ ཀ བདེ་སྐྱིད་ཀྱི་འཚོ་བ། ཁ ལང་ཚོའི་རྦབ་ཆུ། ག གངས་ཅན་གྱི་གཞོན་ནུ། ༡༢.“སྐེ་འདོད་ལྦ་བ་མ་འདོད་པ་བྱ་རྒྱུ་མེད་”ཅེས་པའི་གཏམ་དཔེའི་མཚོན་དོན་ཡང་དག་པ་ནི་( )‎ ཀ མི་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་ན་མེ་ལོང་དགོས་པའི་གནས་ལུགས་བསྟན་པ་དེ། ཁ བྱ་དངོས་གང་རུང་ཞིག་ལ་འགལ་བའི་ཕྱོགས་གཉིས་ཡོད་པ་དེ། ག ‎ བྱ་དངོས་གང་རུང་ཞིག་གི་ལེགས་ཆ་དང་ཞན་ཆ་གཉིས་ཀ་ལེན་དགོས་པ་བསྟན་པ་དེ། ༡༣.ཁ་རོག་སྡོད། ཨ་ཡེ་ཞིག་གིས་ཅི་ཤེས། ཞེས་པས་( )བསྟན། ཀཕོ་མོ་འདྲ་མཉམ་མིན་པ་དེ། ཁ ཨ་ཡེས་གང་ཡང་ཤེས་ཀྱི་མེད་པ། གཨ་ཡེ་ཁ་མང་དྲགས་པ། ༡༤.བོད་ཀྱི་རིག་གནས་ཆུང་བ་ལྔ་ནི་ ( )བཅས་སོ།། ཀ སྙན་ངག མངོན་བརྗོད། སྡེབ་སྦྱོར། སྐར་རྩིས། ཟློས་གར། ཁ སྒྲ་རིག་པ། ནང་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ‎ ག འདུལ་བ། མཛོད། དབུ་མ། ཕར་ཕྱིན། ཚད་མ། ༡༥.འདི་ནི་རྦབ་ཆུ་དཀྱུས་མ་ཞིག་མ་ཡིན་ཏེ། ཞེས་པའི་ཏེ་སྒྲ་དེ་ནི་( )ཡིན། ཀ དམ་བཅའ་ལྷག་བཅས། ཁ གཞན་འདྲེན་ལྷག་བཅས། ‎ ག མཚམས་སྦྱོར་ལྷག་བཅས། ༡༦.ནམ་མཁའ་སྔོ་ཞིང་དྭངས་པའི་ཉིན་མོར་ཡང་ཁོས་ཆུ་ལྷམ་གྱོན་ཞིང་ལག་ཏུ་ཆར་གདུགས་འཁྱེར་བར་མ་ཟད། ལུས་ལ་བར་འཚང་ཅན་གྱི་ཤམ་ལྭ་དྲོན་པོ་གྱོན་ངེས་ཞེས་པས་མི་སྣའི་( )ཞིབ་འབྲི་བྱས་ཡོད། ཀ མི་སྣའི་གཏམ་གླེང་། ཁ མི་སྣའི་ཕྱིའི་རྣམ་པ། ག མི་སྣའི་སེམས་ཁམས། ‎ ༡༧.༼དཔའ་བོའི་མེ་ཏོག་༽ཅེས་པའི་སློབ་ཚན་གྱི་ལོ་རྒྱུས་རྒྱབ་ལྗོངས་ནི་( )ཡིན། ཀདཀར་པོའི་འཇིགས་སྐུལ་གྱི་དུས་སྐབས། ཁགོར་བོད་དམག་འཁྲུག ག རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག ༡༨.བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཅེས་པའི་དོན་ནི་( )‎ ཀ སྐད་ཆ་གསལ་ལ་མི་གསལ། ཁ རྩོད་གཞི་དྲག་པོ། ག ཐག་མི་ཆོད་པའི་རྒན་རྒོན་གྱི་རྩོད་གཞི། ༡༩.ཤུག་གཅིག་ཁྱོ་མང་ཞེས་པའི་ཤུག་ནི་( )‎ ཀ ཤུགས་ཆེ་བའི་དོན། ཁ བུད་མེད་དང་ཆུང་མའི་མིང་། ག ཤུག་པའི་མིང་། ༢༠.“རྡོ་ཕ་བོང་”གི་ཡོན་ཏན་ནི་( )‎ ཀ སྡེ་པའི་མི་རྣམས་ཀྱིས་མཐོང་བའི་རྐང་རྟེན་གྱི་ནུས་པ། ཁ རྟོག་དཔྱོད་པས་མཐོང་བའི་ཁྱད་པར་འཕགས་པའི་རྣམ་པ། ག ཁང་བརྩེགས་བཞེངས་པའི་ཐེམ་སྐས་སུ་བྱེད་པའི་ཡོན་ཏན། ༢༡.༼གངས་དཀར་ལྷ་མོའི་བསླུ་བྲིད་དབང་གིས་༽ཞེས་པའི་ནང་གངས་དཀར་གྱི་མཚོན་དོན་ནི་( )‎ ཀ བོད་ཡུལ་གྱི་མཛེས་སྡུག ཁ བོད་ལྗོངས་ཀྱི་འཛུགས་སྐྲུན། ག བོད་གངས་ཅན། ‎ མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་ལ།བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།རྙེད་བར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།དུས་དང་མཐུན་པའི་སྲོག་གི་དབང་པོ་མ་བཞུགས་ན།ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་།མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ་། དུམ་བུ་འདི་བཀླགས་ནས་གཤམ་གྱི་དྲི་བ་༢༢-༢༥བར་སྒྲུབས་དང་། ༢༢.མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ནི་( )ལ་གོ་དགོས། ཀ མཛེས་སྡུག་ལྡན་པའི་བོད་ཀྱི་གཞོན་ནུའི་སྔར་སོང་གི་འཚོ་བ། ཁ དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ལང་ཚོ། ག གངས་ཅན་བོད་ཀྱི་སྔར་སོང་གི་ལོ་རྒྱུས་ཐོག་ཐོན་པའི་འོད་སྟོང་ལྡན་པའི་གྲུབ་འབྲས་ལ། ༢༣.བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་ནི་( )ལ་གོ‎ ཀ གངས་ཅན་བོད་ཀྱི་འདས་ཟིན་པའི་ལོ་རྒྱུས་ཐོག་གི་མི་ལེགས་པའི་ཆ། ཁ གངས་ཅན་བོད་ཀྱི་སྔ་རབས་མེས་པོ་རྣམས། ག གངས་ཅན་བོད་ཀྱི་འདས་ཟིན་པའི་ལོ་རྒྱུས་ནི་མི་ལེགས་པ་ཡིན་པ། ༢༤.དེ་རིང་གི་སྐོམ་པ་ག་ལ་སོད་ཅེས་པས་( )གོ‎ ཀད་ལྟའི་དུས་ཀྱི་རེ་བ་སྐོང་མི་ཐུབ་པ།ཁདེ་རིང་སྐོམ་པའི་གཟུགས་སུ་བཀོད་པ།གད་ལྟའི་དུས་ཀྱི་རེ་བ་སྐོང་ཐུབ་པ། ༢༥.རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོ་ནི་( )‎ ཀ ཤུལ་བཞག་རིག་གནས། ཁ ང་ཚོའི་མེས་པོ་རྣམས། ག བོད་གངས་ཅན་གྱི་གཞོན་ནུ་རྣམས། གཉིས་པ། སྟོང་ཆ་ཁ་སྐོང་། རེར་སྐར་༡ བསྡོམས་སྐར་༡༠ ༡.སྙན་ངག་ཤེས་ན་ ལ་མི་རྨོངས། ༢.༼ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་༽ཞེས་པའི་སྐར་མ་འོད་ཆེན་གྱི་མཚོན་དོན་ནི་ ‎ ༣.བོད་ཀྱི་རང་མོས་སྙན་རྩོམ་གྱི་སྣེ་ཤན་ནི་ ཡིན་ཞིང་། དེ་ནི་མཁས་དབང་ ‎ གྱིས་བརྩམས་གནང་བ་ཡིན། ༤.༼རྩཐང་གི་ཉིན་ཐོ་༽ཞེས་པའི་སློབ་ཚན་དེར་ གྱི་གཉེན་སྒྲིག་ལུགས་སྲོལ་ལ་ངོ་རྒོལ་དང་། ‎ ‎ ཀྱི་གཉེན་སྒྲིག་ལ་རེ་སྨོན་བྱེད་པའི་བསམ་པ་མཚོན་ཡོད། ༥.སྒྲུང་གཏམ་གྱི་བྱུང་རིམ་ལ་དབྱེ་ན་ བཅས་སོ།། གསུམ་པ། དྲི་བར་ལན་གདབ་རྒྱུ། རེར་སྐར་༥ བསྡོམས་སྐར་༢༠ ༡.རང་མོས་སྙན་རྩོམ་དང་སྲོལ་རྒྱུན་སྙན་རྩོམ་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཁྱད་པར་གང་ཡོད་དམ། ༢.རྒྱ་གར་རྨ་བྱའི་སྒྲོ་གདོངས།། བྱུང་ན་བསམ་པ་མ་གཏོགས།། བོད་ལ་བྱ་ཡི་མཇུག་སྒྲོ།། ‎ མེད་པ་རང་ད་མ་རེད།། ཅེས་པའི་ཤོ་ལོ་ཀ་འདིར་རྩོམ་ཐབས་གང་དང་སྙན་ངག་གི་རྒྱན་གང་སྤྱད་ཡོད་དམ། ༣.༼ལང་ཚོའི་རྦབ་ཆུ་༽ལས་ཁྱེད་ནི་ལོ་རྒྱུས་ཀྱི་དཔང་པོ་དང་མ་འོངས་པའི་ལམ་འདྲེན་རེད།ཅེས་ལོ་རྒྱུས་ཀྱི་དཔང་པོ་དང་། མ་འོངས་པའི་ལམ་འདྲེན་དུ་ཇི་ལྟར་གྱུར་པ་ཡིན་ནམ། ཁྱེད་ནི་སུ་ལ་གོ་བ་ཡིན། ‎ ༤.“རི་མགོ་མཐོན་པོའི་ཉི་མ་”ཞེས་པ་འདི་མིང་ངམ་ཚིག་གམ། ཡང་ན་མིང་དང་ཚིག་གཉིས་ཀའི་ཆ་ལྡན་པ་གང་ཡིན། བཞི་པ། བལྟ་ཀློག་དབྱེ་ཞིབ། བསྡོམས་སྐར་༢༠ ང་རྐང་ལམ་དང་གཞུང་ལམ་གཉིས་ཀྱི་མཚམས་སུ་ལངས་ཏེ་འདས་པའི་བྱ་བ་རྣམས་དྲན་གསོས་པ་དང་། གྱ་གྱུའི་རྐང་ལམ་ཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་དང་།ཡངས་ཤིང་རྒྱ་ཆེ་ལ་རི་སྐེད་འཕྲེད་དུ་གཏུབས་པའི་གཞུང་ལམ་ཐོག་གི་རླངས་འཁོར་དང་། ཤིང་རྟ། ལག་འདྲུད་འཁོར་ལོ་སོགས་འགྲོ་འོང་བྱེད་པའི་འདུ་འཛི་ལ་ལྟ་བཞིན། ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང་། ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་བའི་མོད་ལ། ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང་། ‎ གོང་གསལ་དཔྱད་གཞི་ཞིབ་པར་བཀླགས་ནས་གཤམ་གྱི་དྲི་བ་ཁག་སྒྲུབས་ཤིག ༡.གོང་གི་ཚན་པ་འདི་སློབ་ཚན་གང་ལས་བདམས་ཤིང་། རྩོམ་པ་པོ་སུ་ཡིན། སྐར་༢ ༢.ལྷུག་རྩོམ་གྱི་ཁྱད་ཆོས་མ་ཡིན་པ་ནི་( )ཞེས་པ་དེ་ཡིན། སྐར་༢ ཀམི་སྣའི་གཟུགས་བརྙན་ཕུན་སུམ་ཚོགས་ཤིང་ཞིང་ཚགས་པ། ཁབརྗོད་བྱ་རྒྱ་ཆེ་ལ་རྩོམ་སྟངས་རང་དབང་ལྡན་པ། ག ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ། ༣.གྱ་གྱུའི་རྐང་ལམ་ཕྲ་མོའི་དབེན་ཞིང་ཁ་ཁུ་སིམ་པའི་རྣམ་པ་ཞེས་པ་ལས་( )བསྟན་ཡོད། སྐར་༢ ཀསྲོལ་རྒྱུན་རིག་ནས་ཀྱི་རྗེས་ལུས་ཀྱི་རྣམ་པ། ཁརི་སྟེང་གི་ལམ་ཕྲན་དེའི་དབེན་ཞིང་ཁ་ཁུ་སིམ་པའི་མཛེས་ཆོས། གརྩོམ་པ་པོའི་ཕ་ཡུལ་ཏེ་རི་གྲོང་ཆུང་ངུའི་དབེན་ཞིང་གཙང་བའི་གནས་སྟངས། ༤.‎ གཞུང་ལམ་གྱི་འདུ་འཛིའི་རྣམ་པ་བཀོད་པ་དེ་ལས་( )བསྟན་ཡོད། སྐར་༢ ཀབོད་མི་རིགས་ཀྱི་མི་རབས་རྗེས་མ་ཚོའི་རླབས་ཆེན་གྱི་བྱས་རྗེས། ཁགསར་དར་རིག་གནས་དར་འཕེལ་གྱི་སྟོབས་ཤུགས་དང་སྔོན་ཐོན་གྱི་རྣམ་པ། གརི་གྲོང་ཆུང་ངུའི་འཁྲུག་ཆ་དོད་པའི་འཚོ་བ། ‎ ༥.ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་དོན་གང་ཡིན།དེས་དོན་ཅི་ཞིག་མཚོན་འདུག་གམ། སྐར་༤ ༦.རྐང་ལམ་དང་གཞུང་ལམ་སོ་སའི་བསྟན་དོན་གང་ཡིན་བྲིས་ཤིག སྐར་༤ ༧.གོང་གི་བརྗོད་དུམ་དེ་ལས་ཁྱེད་ལ་གོ་རྟོགས་གང་བསྐྱེད་བྱུང་ངམ། སྐར་༤ ལྔ་པ། རྩོམ་ཡིག སྐར་༢༥ ‎ པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱན་མཚན་མཆོག་གིས་“ང་ཚོ་ཚང་མ་བོད་པ་རེད།སྔོན་ལ་བོད་ཡིག་ཡག་པོ་སྦྱང་དགོས།ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་རང་གི་སྐད་ཡིག་སྦྱང་དགོས་པ་འདུག་ཅེས་གང་ས་གང་དུ་སྐད་རྒྱག་གི་ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་ཡག་པོ་རང་མི་འདུག འདོད་པ་ཚིམ་པོ་མི་འདུག ཚང་མས་བོད་ཡིག་དེ་ཡག་པོ་སྦྱོངས་རོགས་ཞུ།”ཞེས་གསུངས། ‎ གོང་གི་དགོངས་དོན་ལ་བསམ་གཞིགས་ལེགས་པར་བྱས་ཏེ།ཁྱེད་ཀྱིས་བོད་སྐད་ཡིག་སློབ་ཚན་ཉན་པ་དང་སྦྱོང་བའི་བརྒྱུད་རིམ་ནང་རང་ཉིད་ཀྱི་བོད་སྐད་ཡིག་གི་ནུས་པ་སྐྱེད་བསྲིང་དང་བོད་སྐད་ཡིག་ལ་སྦྱང་པ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་གླེང་བའི་རྩོམ་ཡིག་ཅིག་བྲིས་དང་། རྩོམ་འབྲིའི་རེ་བ། ‎ ༡.གོང་བཀོད་དཔྱད་གཞིར་གཞིགས་ནས་རྩོམ་བྱང་རང་གིས་གཏན་འཁེལ་བྱེད་དགོས། དེ་ལས་འགལ་མི་རུང་། ༢.དགག་སྒྲུབ་རྩོམ་ཡིག་གི་གྲུབ་ཆ་ཚང་དགོས་པ་མ་ཟད་བསྒྲུབ་བྱ་ཡང་དག སྒྲུབ་བྱེད་ཁུངས་བཙན། སྒྲུབ་རིམ་ཚགས་དམ་པ་བཅས་དགོས། ༣.ལྟ་བའི་ལངས་ཕྱོགས་བརྟན་པོས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཕན་པའི་ཚིག་སྦྱོར་སྤེལ་དགོས། ༤.རྩོམ་ཡིག་ནང་མི་དང་ས་ཆ། སློབ་གྲྭ་སོགས་ཀྱི་མིང་ཐོན་ཚེ་ངེས་པར་དུ་རྟགས་ⅹⅹⅹ འདིས་མཚོན་དགོས། ༥.དག་ནོར་མེད་ཅིང་ཁམས་གཙང་བ། ཡིག་འབྲུ་༦༠༠ཡན་དགོས།། ༄༅། ། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་མཐོ་འབྲིང་སྤྱི་ལོ་༢0༡༧-༢༠༡༨སློབ་ལོའི་སློབ་ དུས་དང་པོའི་སློབ་དཀྱིལ་ཡིག་རྒྱུགས་ཀྱི་ལན་གདབ་ཤོག་བྱང་། ཡིག་རྒྱུགས་རྣམ་པ།གསང་ཐབས་རྒྱུགས་ལེན།ལོ་རིམ།གཉིས་པ། རིག་ཚན།བོད་ཡིག རྒྱུགས་འདོན་མཁན། ཚེ་རིང་ནོར་སྐྱིད། དོ་སྣང་བྱ་དགོས་པ། ‎ ༡.རྒྱུགས་གཞི་འདིར་དྲི་གཞི་ཆེ་བ་ལྔ་དང་རྒྱུགས་གཞི་ཧྲིལ་པོར་སྐར་མ་༡༠༠ཡོད། ‎ ༢.རྒྱུགས་ལན་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས། དེ་མིན་གྱི་ལན་ཚང་མ་རྩིས་མེད་ཡིན། དྲི་གཞི། དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ། བསྡོམས་སྐར། ཐོབ་སྐར། དང་པོ། འདེམ་འཇུག་དྲི་གཞི། རེར་སྐར་༡ བསྡོམས་སྐར་༢༥ དྲི་གཞི། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ལན། ཁ ཁ ཁ ཀ ཀ ཀ ག ག ག ཀ ཁ ག ༡༣ ༡༤ ༡༥ ༡༦ ༡༧ ༡༨ ༡༩ ༢༠ ༢༡ ༢༢ ༢༣ ༢༤ ༢༥ ཀ ཀ ཁ ཁ ག ག ཁ ཁ ག ག ཀ ཀ ཀ གཉིས་པ། སྟོང་ཆ་ཁ་སྐོང་། ‎ རེར་སྐར་༡ བསྡོམས་སྐར་༡༠ ༡. ཚིག་རྒྱན། ‎ ༢. གངས་རིའམ་གངས་ལྗོངས། ‎ ༣. ལང་ཚོའི་་རྦབ་ཆུ། དོན་གྲུབ་རྒྱལ། ‎ ༤. གཞན་དབང་བཙན་སྦྱོར། རང་མོས། ‎ ༥. འགོ་འཛུགས། འཕེལ་རྒྱས། མཐོ་རླབས། མཇུག་འབྲས། ‎ གསུམ་པ། དྲི་བར་ལན་གདབ་རྒྱུ། རེར་སྐར་༥ བསྡོམས་སྐར་༢༠ ༡.ལན། འདྲ་བའི་ཆ་ནི་རང་མོས་སྙན་ངག་ཀྱང་སྲོལ་རྒྱུན་སྙན་རྩོམ་ལྟར་ཚིག་རྒྱན་གྱི་ལམ་ནས་རྩོམ་པ་པོའི་བསམ་པའི་ ‎ འགྱུར་བའང་བརྩེ་དུང་མཚོན་པར་བྱེད་པ་དང་ལུས་ཚིགས་བཅད་ཡིན་པ་དེ་དང་། མི་འདྲ་བའི་ཆ་ནི་སྲོལ་རྒྱུན་སྙན་ངག་ལ་གཅོད་མཚམས་དང་ངལ་གསོའི་མཚམས་ལ་ཆོས་ཉིད་ངེས་གཏན་ཞིག་ཡོད་པ་མ་ཟད་ཚེག་བར་སྡེབ་སྟངས་ཀྱི་གྲངས་ངེས་པར་དུ་སྙོམས་པ་ཞིག་དགོས་པ་དང་། རང་མོས་སྙན་ངག་ལ་སྲོལ་རྒྱུན་གྱི་སྙན་རྩོམ་ལྟར་ཚིག་རྐང་དང་ཚེག་ཁྱིམ། ‎ ཚེག་བར་མང་ཉུང་སོགས་ངེས་པ་མེད་པར་བརྗོད་དོན་མཚོན་པའི་དགོས་པར་གཞིགས་ཏེ་གང་བདེར་འབྲི་ཆོག ‎ ༢.ལན། དམངས་གཞས། བསྡུས་བརྗོད་རྒྱན། ‎ ༣.ལན།རྦབ་ཆུ་ཁྱེད་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ཏེ།གངས་ཅན་བོད་ཀྱི་སྔར་སོང་གི་འཕེལ་འགྲིབ་ཁྱེད་ཀྱི་ལུས་ཐོག་ཏུ་འཁོད་ཡོད་པ་དང་ཁྱེད་་ཀྱིས་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་ཀྱི་དར་རྒུད་མཚོན་ཐུབ་པས་མ་འོངས་པའི་ལམ་འདྲེན་ཡིན། ཁྱེད་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་ཀྱི་གཞོན་ནུ་རྣམས་ལ་གོ ‎ ༤.ལན།དེ་ནི་མིང་དང་ཚིག་གཉིས་ཀའི་ཆ་ལྡན་པའི་ཚིག་ཡིན་ཏེ།ཉི་མ་ནི་དོན་གྱི་ངོ་བོ་སྟོན་པའི་གང་ཞིག་དེ་བརྟེན་སའི་ཡུལ་གྱི་ཁྱད་པར་རི་མགོ་མཐོན་པོ་དེ་ཡིན་པ་དང་།རི་མགོ་མཐོན་པོ་ཞེས་པ་ཚིག་ཡིན་ཏེ་རི་ཡི་རྩེ་མོ་གང་དེའི་ཁྱད་པར་མཐོ་བའི་རང་བཞིན་མངོན་པར་གསལ་བར་བྱས་པའི་རྐྱེན་གྱིས་ཚིག་ཡིན་པས་དེ་བསྡུས་ན་རི་མགོ་མཐོན་པོའི་ཉི་མ་ཞེས་མིང་དང་ཚིག་གཉིས་ཀ་ཡིན་པའི་ཚིག་ཡིན། ‎ བཞི་པ། བལྟ་ཀློག་དབྱེ་ཞིབ། བསྡོམས་སྐར་༢༠ ༡.ལན། རྐང་ལམ་ཕྲ་མོ། དོན་གྲུབ་རྒྱལ། ‎ ༢.ལན། ཀ ‎ ༣.ལན། ཀ ‎ ༤.ལན ཁ ‎ ༥.ལན།སྤྱི་ཚོགས་ཀྱི་བགྲོས་དང་མཐུན་པརསྤྱི་ཚོགས་གསར་པའི་གསར་དར་གྱི་རིག་གནས་ཏེ། ཚན་རིག་ལག་རྩལ་ལ་ཉམས་ལེན་གྱིས་རང་རིགས་འདི་ཉིད་རེ་བས་ཕྱུག་ཅིང་མདུན་ལམ་དང་ལྡན་པར་རྩོན་དགོས་པ་དེ་བསྟན། ‎ ༦.ལན། སྲོལ་རྒྱུན་རིག་གནས། གསར་དར་རིག་གནས། ‎ ༧. ‎ ‎ ‎ ལྔ་པ། རྩོམ་ཡིག སྐར་༢༥ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎ ‎

相关文档